指路灯-文本歌词

指路灯-文本歌词

发行日期:

作词 : 平措
作曲 : 平措
ལམ་སྟོན་སྒྲོན་མེ།
ཚིག ཕུན་ཚོགས།
གདངས། ཕུན་ཚོགས།
གཞས་པ། ཕུན་ཚོགས།
LRC ཕུན་ཚོགས།

ཡོན་ཏན་སྦྱང་དགོས་བསམ་ནས།
སློབ་གྲྭའི་སྒོ་མོ་དེ་འགྲིམས་པས།
ཐུགས་རྒྱུད་བརྩེ་བས་ཕྱུག་པའི།
བདག་གི་བཤེས་གཉེན་ཁྱེད་མཇལ་བྱུང་།
ཐུགས་རྒྱུད་བརྩེ་བས་ཕྱུག་པའི།
བདག་གི་བཤེས་གཉེན་ཁྱེད་མཇལ་བྱུང་།
ཨོ་ཧོ་ཧོ།
ང་ཡི་རྒན་ལགས།
ང་ཡི་ལམ་སྟོན་སྒྲོན་མེ།
ཨོ་ཧོ་ཧོ།
ང་ཡི་རྒན་ལགས།
ང་ཡི་ལམ་སྟོན་སྒྲོན་མེ།
ང་ཡི་ལམ་སྟོན་སྒྲོན་མེ།

རྨོངས་གཉིད་ཁུག་པའི་བུ་ངར།
སློབ་གྲྭ་འགྲིམས་སྐལ་དེ་ཐོབ་དུས།
ཐུགས་རྒྱུད་ཤེས་བྱས་ཕྱུག་པའི།
བདག་གི་བཤེས་གཉེན་ཁྱེད་མཇལ་བྱུང་།
བཤེས་གཉེན་ཁྱེད་ཀྱི་བཀའ་དྲིན།
རི་རབ་ལས་ཀྱང་ཆེ་བས།
བཅོས་མིན་སེམས་ཀྱི་འདུན་པས།
ཁྱེད་ལ་བསྔོ་སྨོན་བཏབ་ཡོད།
ཨ།
ང་ཡི་རྒན་ལགས།
ང་ཡི་ལམ་སྟོན་སྒྲོན་མེ།

བཤེས་གཉེན་ཁྱེད་ཀྱི་བཀའ་དྲིན་ལས།
ཟབ་མོའི་རིག་གཞུང་ཤེས་བྱུང་།
ཡ་རབས་གུས་ལུགས་ཤེས་བྱུང་།
མི་ཚེའི་གནས་ལུགས་ཤེས་བྱུང་།
ཡ་རབས་གུས་ལུགས་ཤེས་བྱུང་།
མི་ཚེའི་གནས་ལུགས་ཤེས་བྱུང་།
ཨོ་ཧོ་ཧོ།
ང་ཡི་རྒན་ལགས།
ང་ཡི་ལམ་སྟོན་སྒྲོན་མེ།
ཨོ་ཧོ་ཧོ།
ང་ཡི་རྒན་ལགས།
ང་ཡི་ལམ་སྟོན་སྒྲོན་མེ།
ང་ཡི་ལམ་སྟོན་སྒྲོན་མེ།
ང་ཡི་ལམ་སྟོན་སྒྲོན་མེ།