སྐྱབས་རྗེས་འཇིག་མེད་ཕུན་ཚོགས་དྲན་པའི་མིག་ཆུ་། 追思法王晋美彭措 作词:益西次仁 作曲:民间 གཞས་པ། གོ་འཇོ་བསྟན་འཛིན་ 歌手:贡觉旦增 སེམས་ཀྱི་ཉི་མ་སེར་པོ། གངས་རིའི་རྩེ་ནས་བཞུད་སོང་། ང་དང་ཁ་བའི་བུ་ཕྲུག མུན་པའི་ནང་ལ་ལྷུང་སོང་། ང་དང་ཁ་བའི་བུ་ཕྲུག་་་་མུན་པའི་ནང་ལ་ལྷུང་སོང་། ཁ་བའི་འདབ་མ་ལྷུང་སོང་། སེམས་ཁམས་འཁྱག་ལ་ཐེབས་སོང་། ང་དང་ཁ་བའི་བུ་ཕྲུག་། རེ་ལྟོས་སུ་ལ་བཅོས་འགྲོ ང་དང་ཁ་བའི་བུ་ཕྲུག་་་་་་་རེ་ལྟོས་སུ་ལ་བཅོས་འགྲོ། དྲིན་ཆེན་རྩ་བའི་བླ་མ སྐྱབས་རྗེས་འཇིག་མེད་ཕུན་ཚོགས སྐྱོ་བའི་མིག་ཆུ། སེམས་ཀྱི་ཉི་མ་སེར་པོ། གངས་རིའི་རྩེ་ནས་བཞུད་སོང་། ང་དང་ཁ་བའི་བུ་ཕྲུག མུན་པའི་ནང་ལ་ལྷུང་སོང་། ང་དང་ཁ་བའི་བུ་ཕྲུག་་་་མུན་པའི་ནང་ལ་ལྷུང་སོང་། ཁ་བའི་འདབ་མ་ལྷུང་སོང་། སེམས་ཁམས་འཁྱག་ལ་ཐེབས་སོང་། ང་དང་ཁ་བའི་བུ་ཕྲིག རེ་ལྟོས་སུ་ལ་བཅོས་འགྲོ ང་དང་ཁ་བའི་བུ་ཕྲུག་་་་་་་རེ་ལྟོས་སུ་ལ་བཅོས་འགྲོ། དྲིན་ཆེན་རྩ་བའི་བླ་མ སྐྱབས་རྗེས་འཇིག་མེད་ཕུན་ཚོགས བུ་ང་བསོད་ནམས་མེད་པས། དག་པའི་ཞིང་ལ་ཕེབས་སོང་། བུ་ང་བསོད་ནམས་མེད་པས་་་་་་་དག་པའི་ཞིང་ལ་ཕེབས་སོང་། དད་པའི་མེ་ཏོག་གཏོར་ས། མུན་སེལ་སྒྲོན་མེ་སེར་པོ། ཁ་བའི་ཡུལ་དང་གྱེས་སོང་། མིག་གོང་མཆི་མས་བརླན་སོང་། ཁ་བའི་ཡུལ་དང་གྱེས་སོང་། མིག་གོང་མཆི་མས་བརླན་སོང་། ལས་དབང་སྐྱ་མོ་འོག་གི ཁ་བའི་མི་རིགས་འདི་ཡིས། ལག་གཉིས་ཐལ་མོ་སྦྱར་ནས། སླར་ཡང་བྱོན་པར་སྒུག་ཡོད། ལག་གཉིས་ཐལ་མོ་སྦྱར་ནས་་་་་་་སླར་ཡང་བྱོན་པ་སྒུག་ཡོད། དྲིན་ཆེན་རྩ་བའི་བླ་མ།་་་་་་་སྐྱབས་རྗེས་འཇིག་མེད་ཕུན་ཚོགས། གངས་ལྗོངས་ཁ་བའི་ཡུལ་ལ། ཡང་སྲིད་མྱུར་དུ་ཕེབས་རོགས། གངས་ལྗོངས་ཁ་བའི་ཡུལ་ལ་་་་་་་ཡང་སྲིད་མྱུར་དུ་ཕེབས་རོགས། དྲིན་ཆེན་རྩ་བའི་བླ་མ། ཐུགས་རྗེས་སྤྱན་གྱིས་གཟིགས་རོགས། དྲིན་ཆེན་རྩ་བའི་བླ་མ།་་་་་་ཐུགས་རྗེས་སྤྱན་གྱིས་གཟིགས་རོགས།