我们一起唱-文本歌词

我们一起唱-文本歌词

江嘎松邓加&高原嘎瓦
发行日期:

ང་གཉིས་མཉམ་དུ་ལེན།

我们一起唱

གཞས་ཚིག ཁྱུང་མགྲིན་ནག

歌词:琼黑孔

དབྱངས། བློ་གསལ།

曲:罗萨

གཞས་པ། སྐྱང་སྐལ་བཟང་བསྟན་རྒྱལ།

歌手:江嘎松邓加&高原嘎瓦

གཞས་ཚིག་ང་ཡིས་བརྩམས། །

གླུ་གཞས་ཁྱོད་ཀྱིས་ལོང་། །

ཁམས་པ་ཆབ་མདོའི་གྲོང་ནས། །

གཞས་ལ་དབྱངས་ཤིག་སྦྱར། །

དྲན་པའི་ལ་གླུ་རིང་མོ། །

ང་གཉིས་མཉམ་དུ་ལེན། །

~

གསེར་སྐུད་ང་ཡིས་འཐེན། །

དངུལ་སྐུད་ཁྱོད་ཀྱིས་འདྲེན། །

རྒྱུད་དྲུག་དབྱངས་རྟ་ཕྲ་མོ། །

སྙན་པའི་དབྱངས་ཀྱིས་དཀྲོལ། །

དར་རྩེ་མདོ་ཡི་མཛའ་གཞས། །

ང་གཉིས་མཉམ་དུ་ལེན། །

~

པི་ཝང་ང་ཡིས་བསྒྲོན། །

ཞབས་བྲོ་ཁྱོད་ཀྱིས་འཁྲབ། །

འཛོམས་པ་ཡག་མོ་འདི་ལ། །

རྡོག་བྲོ་འགྲིག་པོ་དགོས། །

སྨར་ཁམས་པི་ཝང་སྐོར་བྲོ། །

ང་གཉིས་མཉམ་དུ་གར། །