དུས་ཚོད་རིང་པོ་མི་འདུག
时间不长
ཚིག ནོར་ལྷ
作词:罗拉
དབྱངས། མཐོ་སྒང་དགའ་བ།
作曲:高原嘎瓦
གཞས་པ། སྤྱང་སྐལ་བཟང་བསྟན་རྒྱལ། མཐོ་སྒང་དགའ་བ།
歌手:江嘎松邓加&高原嘎瓦
སྒུག་དགོས་པའི་ཁོམ་ལོང་མི་འདུག
ཉི་མ་རི་རྩེ་ནས་བུད་སོང་།
སྒུག་དགོས་པའི་ཁོམ་ལོང་མི་འདུག
རྟ་ཕོ་རི་ཁ་ལ་ཤོར་སོང་།
ང་གཞོན་ཆུང་མི་ཡི་སེམས་པ་ལ།
སྤྲིན་ན་བུན་འདྲ་ལེ་སྡུག་ཅིག་འཁོར།
ཐང་ཆད་ཀློང་གི་མི་རིགས་ཚོ།
སེམས་སྡུག་ནང་གི་མི་རིགས་ཚོ།
~
དུས་ཚོད་རིང་པོ་མི་འདུག
ཁོམ་ལོང་ཆེན་པོ་མི་འདུག
དེ་རིང་གིས་ང་ཚོ་མི་སྒུག
སང་ཉིན་གྱིས་ང་ཚོ་མི་སྒུག
སྤྲིན་སྨུག་པའི་གསེབ་ན་ལུག་ཁྱུ་ཞིག
རླུང་བསེར་བུའི་ཁྲོད་ན་རྟ་ཁྱུ་ཞིག
རྨོངས་འཐོམ་པའི་དབུས་ན་མི་སེར་ཞིག
ང་ཡི་ན་ཆུང་ཚོ་མི་སེར་དེ་ང་ཚོ་ཨེ་རེད།
~
འདུག་དགོས་པའི་ཁོམ་ལོང་མི་འདུག
འདུག་རོགས་གྲོགས་པོ་ཡང་བུད་སོང་།
འདུག་དགོས་པའི་ཁོམ་ལོང་མི་འདུག
བྱམས་པ་ལ་རྒྱབ་ལ་ཤོར་སོང་།
ང་འཁོས་ཆུང་མི་ཡི་སེམས་པ་ལ།
རླུང་བསིལ་བསིལ་འདྲ་ལེ་སྡུག་ཅིག་འཁོར།
ན་ཟུག་ཀློང་གི་ན་ཆུང་ཚོ།
མིག་ཆུ་ནང་གི་ན་ཆུང་ཚོ།
~
དུས་ཚོད་རིང་པོ་མི་འདུག
ཁོམ་ལོང་ཆེན་པོ་མི་འདུག
དེ་རིང་གིས་ང་ཚོ་མི་སྒུག
སང་ཉིན་གྱིས་ང་ཚོ་མི་སྒུག
སྤྲིན་སྨུག་པའི་གསེབ་ན་ལུག་ཁྱུ་ཞིག
རླུང་བསེར་བུའི་ཁྲོད་ན་རྟ་ཁྱུ་ཞིག
ངོ་སྨད་ས་ཞིག་ན་མི་སེར་ཞིག
ང་ཡི་ན་ཆུང་ཚོ་མི་སེར་དེ་ང་ཚོ་ཨེ་རེད།