ཨེ་མ་གཅིག
དབྱངས། དམངས་ཁྲོད།
བསྐྱར་ལེན་མཁན། ཁ་བའི་མེ་ཏོག་ཚན་སྡེབ།
ཨེ་མ་གཅིག་འསུང་ལེ་ང་ཚོ་འདི་ལ་འཛོམས་ན་ལེ།
ཨེ་མ་གཅིག་འསུང་ལེ་གཏན་དུ་འཛོམས་རྒྱུ་བྱུང་ན་ལེ།
ཨེ་མ་གཅིག་འསུང་ལེ།
ཨེ་མ་གཅིག་འསུང་ལེ་་འཏན་དུ་འཛོམས་པའི་མི་རྣམས་ལེ།
ཨེ་མ་གཅིག་འསུང་ལེ་སྙུང་གཞིའི་གོད་ཆག་མ་གཏོང་ལེ།
ཨེ་མ་གཅིག་འསུང་ལེ།
ཨེ་མ་གཅིག་འསུང་ལེ་དགའ་བའི་མི་ཡང་འཛོམས་སོང་ལེ།
ཨེ་མ་གཅིག་འསུང་ལེ་བཙོས་པའི་ཆང་ཡང་ཞིམ་སོང་ལེ།
ཨེ་མ་གཅིག་འསུང་ལེ།
ཨེ་མ་གཅིག་འསུང་ལེ་དགའ་པོ་མི་གཞེས་ཆང་གཞེས་ལེ།
ཨེ་མ་གཅིག་འསུང་ལེ་འཛོམས་སུ་ཆོག་པ་ཡོད་དོ་ལེ།
ཨེ་མ་གཅིག་འསུང་ལེ།
ཨེ་མ་གཅིག་འསུང་ལེ་་ང་ཚོ་སྔ་མོའི་མི་རེད་ལ་ལེ།
ཨེ་མ་གཅིག་འསུང་ལེ་་སྲིད་པ་ཆགས་པའི་རྡོ་རེད་ལེ།
ཨེ་མ་གཅིག་འསུང་ལེ།
ཨེ་མ་གཅིག་འསུང་ལེ་་རྡོ་ལ་དྲེགས་པ་འཁོར་ཀྱང་ལེ།
ཨེ་མ་གཅིག་འསུང་ལེ་མཇལ་ཉན་འདོད་རུ་ལེ།
ཨེ་མ་གཅིག་འསུང་ལེ་མཇལ་ཉན་འདོད་རུ་ལེ།