མགྲོན་བསུའི་གཞས།
迎宾曲
གཞས་ཚིག་མགོ་ལོག་ཉི་འོད།
歌词:果洛阳光
གཞས་དབྱངས་བློ་གསལ།
作曲:罗塞
གཞས་མ་སངས་རྒྱས་འཚོ།
歌手:桑吉措
ཞོགས་པའི་ཉི་ཟེར་གླིང་བཞིར་འཕྲོས་དུས།།
བུ་མོ་སྒྲོན་མའི་བཞོ་དབྱངས་འགུག་སྟེ།།
མར་ཆུར་འོ་ཞོའི་མཆོད་ཁ་འཕེན་ནས།།
རིགས་གཅིག་སྤུན་ཟླ་མགྲོན་དུ་འབོད་ཡོད།།
~
ལ་ཁའི་མཚམས་སྤྲིན་གསར་བའི་འོག་ནས།།
ལས་ཀྱི་སྐྱིད་སྡུག་གླུ་རུ་ལེན་ཏེ།།
སྒྲ་སྙན་འབྲུག་མགོའི་རྒྱུད་སྐུད་དཀྲོལ་ནས།།
ས་མཐའི་གྲོགས་ཚོ་གཞས་ཤིག་སྐུར་ཡོད།།
~
ཀ་མད་དབྱངས་རྟ་ངག་དུ་གྱེར་ནས།།
ཕྱོགས་བཞིའི་མགྲོན་པོ་མགྲོན་དུ་བསུས་སྟེ།།
ཇ་ཆང་བདུད་བརྩིས་མགྲོན་བསུ་བྱས་ནས།།
ལྷན་འཛོམས་ཉིན་མོ་སྐྱིད་ལ་བསུས་ཡོད།།
མགྲོན་བསུའི་གཞས།
迎宾曲
གཞས་ཚིག་མགོ་ལོག་ཉི་འོད།
歌词:果洛阳光
གཞས་དབྱངས་བློ་གསལ།
作曲:罗塞
གཞས་མ་སངས་རྒྱས་འཚོ།
歌手:桑吉措
ཞོགས་པའི་ཉི་ཟེར་གླིང་བཞིར་འཕྲོས་དུས།།
བུ་མོ་སྒྲོན་མའི་བཞོ་དབྱངས་འགུག་སྟེ།།
མར་ཆུར་འོ་ཞོའི་མཆོད་ཁ་འཕེན་ནས།།
རིགས་གཅིག་སྤུན་ཟླ་མགྲོན་དུ་འབོད་ཡོད།།
~
ལ་ཁའི་མཚམས་སྤྲིན་གསར་བའི་འོག་ནས།།
ལས་ཀྱི་སྐྱིད་སྡུག་གླུ་རུ་ལེན་ཏེ།།
སྒྲ་སྙན་འབྲུག་མགོའི་རྒྱུད་སྐུད་དཀྲོལ་ནས།།
ས་མཐའི་གྲོགས་ཚོ་གཞས་ཤིག་སྐུར་ཡོད།།
~
ཀ་མད་དབྱངས་རྟ་ངག་དུ་གྱེར་ནས།།
ཕྱོགས་བཞིའི་མགྲོན་པོ་མགྲོན་དུ་བསུས་སྟེ།།
ཇ་ཆང་བདུད་བརྩིས་མགྲོན་བསུ་བྱས་ནས།།
ལྷན་འཛོམས་ཉིན་མོ་སྐྱིད་ལ་བསུས་ཡོད།།