རྟ་འདོ་བ་བརྒྱུག་ན་དེ་རིང་རྒྱུག །
赛马之歌
ཚིག ཆོས་མཆོག
词:曲尔却
དབྱངས། དམངས་ཁྲོད།
曲:民间
གཞས་པ། ཆོས་དབང་།
演唱:曲文
རྟ་འདོ་བ་བརྒྱུག་ན་དེ་རིང་རྒྱུག །
བྱང་ལི་དམར་ཐང་ནས་བརྒྱུག་ན་བརྒྱུག །
རྐྱང་ཁ་དཀར་རྒྱུག་ཡ་བྱེད་ན་བྱེད། །
སྒ་གསེར་སྒ་ཉི་མ་ཤར་ཤར་ཡིན། །
ངའི་འདོ་བ་ཉོ་ས་ཁྲ་མོ་གླིང་། །
རྟ་རྐྱང་རྒོད་ཕེར་བའི་རྒྱུད་པ་ཡིན། །
རྟ་རྒྱུགས་པ་མི་འདྲ་འཕུར་བ་འདྲ། །
མཐོ་ནམ་མཁའི་བྱ་ལམ་ཟིན་པ་འདྲ། །
~
རྟ་འདོ་བ་བརྒྱུག་ན་དེ་རིང་རྒྱུག། །
མཚོ་སྔོན་པོའི་ཁ་ཞེང་བརྩེ་ན་བརྩེ། །
ཉ་གསེར་མིག་རྒྱུག་ཡ་བྱེད་ན་བྱེད། །
རྐང་ཡོབ་ཆེན་ཟླ་བ་ཚེས་ཚེས་ཡིན། །
ངའི་འདོ་བ་བྱ་རྒྱལ་ཁྱུང་གི་རྒྱུད། །
ཁྱུང་བྱ་རུ་ཅན་གྱི་རྒྱུད་པ་ཡིན། །
རྐང་རྨིག་བཞིར་རླུང་གི་སྤུ་གྲི་ཡོད། །
ཐང་ཆེན་པོ་ཕྱིང་དཀར་སྒྲིལ་སྒྲིལ་ཡིན། །
~
རྟ་འདོ་བ་བརྒྱུག་ན་དེ་རིང་རྒྱུག །
ཆུ་རྨ་འབྲི་རྒྱུག་ཐག་འཇོག་ན་འཇོག །
དགོང་ཉི་ཟླ་རྒྱུག་རོགས་བྱེད་ན་བྱེད། །
སྲབ་ཁྲ་ཁྱུག་སྐར་མ་འཚུབ་འཚུབ་ཡིན། །
ངའི་འདོ་བའི་ཕ་ས་སྒང་པ་བོད། །
གཡང་ཟླ་བ་མགོ་གསུམ་རྒྱུད་པ་ཡིན། །
རྟ་འདོ་བ་འཚེར་སྐད་དོག་མོ་ས། །
ལས་རླུང་རྟའི་འབྲུག་སྒྲ་བར་སྣང་ཁམས། །
རྟ་འདོ་བ་བརྒྱུག་ན་དེ་རིང་རྒྱུག །
赛马之歌
ཚིག ཆོས་མཆོག
词:曲尔却
དབྱངས། དམངས་ཁྲོད།
曲:民间
གཞས་པ། ཆོས་དབང་།
演唱:曲文
རྟ་འདོ་བ་བརྒྱུག་ན་དེ་རིང་རྒྱུག །
བྱང་ལི་དམར་ཐང་ནས་བརྒྱུག་ན་བརྒྱུག །
རྐྱང་ཁ་དཀར་རྒྱུག་ཡ་བྱེད་ན་བྱེད། །
སྒ་གསེར་སྒ་ཉི་མ་ཤར་ཤར་ཡིན། །
ངའི་འདོ་བ་ཉོ་ས་ཁྲ་མོ་གླིང་། །
རྟ་རྐྱང་རྒོད་ཕེར་བའི་རྒྱུད་པ་ཡིན། །
རྟ་རྒྱུགས་པ་མི་འདྲ་འཕུར་བ་འདྲ། །
མཐོ་ནམ་མཁའི་བྱ་ལམ་ཟིན་པ་འདྲ། །
~
རྟ་འདོ་བ་བརྒྱུག་ན་དེ་རིང་རྒྱུག། །
མཚོ་སྔོན་པོའི་ཁ་ཞེང་བརྩེ་ན་བརྩེ། །
ཉ་གསེར་མིག་རྒྱུག་ཡ་བྱེད་ན་བྱེད། །
རྐང་ཡོབ་ཆེན་ཟླ་བ་ཚེས་ཚེས་ཡིན། །
ངའི་འདོ་བ་བྱ་རྒྱལ་ཁྱུང་གི་རྒྱུད། །
ཁྱུང་བྱ་རུ་ཅན་གྱི་རྒྱུད་པ་ཡིན། །
རྐང་རྨིག་བཞིར་རླུང་གི་སྤུ་གྲི་ཡོད། །
ཐང་ཆེན་པོ་ཕྱིང་དཀར་སྒྲིལ་སྒྲིལ་ཡིན། །
~
རྟ་འདོ་བ་བརྒྱུག་ན་དེ་རིང་རྒྱུག །
ཆུ་རྨ་འབྲི་རྒྱུག་ཐག་འཇོག་ན་འཇོག །
དགོང་ཉི་ཟླ་རྒྱུག་རོགས་བྱེད་ན་བྱེད། །
སྲབ་ཁྲ་ཁྱུག་སྐར་མ་འཚུབ་འཚུབ་ཡིན། །
ངའི་འདོ་བའི་ཕ་ས་སྒང་པ་བོད། །
གཡང་ཟླ་བ་མགོ་གསུམ་རྒྱུད་པ་ཡིན། །
རྟ་འདོ་བ་འཚེར་སྐད་དོག་མོ་ས། །
ལས་རླུང་རྟའི་འབྲུག་སྒྲ་བར་སྣང་ཁམས། །