སྤྱོད་བཟང་བོད་པའི་བུ་མོ།།
藏族姑娘
གཞས་དབྱངས། ཉི་མ་བཀྲ་ཤིས
作曲;尼玛扎西
གཞས་ཚིག། བློ་བཟང་བཀྲ་ཤིས།
作词:洛桑扎西
原唱:旦增康卓
(歌词大意)
我们来自四面八方
今日有缘相聚一堂
感恩相遇相聚的好缘
我们一起放声高歌一曲
ཁ་ཆར་བུ་ཡུག་ཁྲོད་ཀྱི
ལུག་ཁྱུའི་རླབས་དཀར་དེད་ཏེ
སྐྱིད་སྡུག་མཐེབ་མཛུབ་བར་ནས
མི་ཚེའི་ཕྲེང་བ་འདས་པའི
མཐིང་སྨུག་སྦྲ་ཆུང་ནང་གི
སྤྱོད་བཟང་བོད་པའི་བུ་མོ།
ཨ་མའི་སྲོལ་རྒྱུན་འཛིན་ནས
འབུད་ཤིང་རྒྱབ་ཏུ་ཁུར་ཞིང
མ་ཎི་ཡིག་དྲུག་འགྲང་བཞིན
འོ་ཟོ་ལག་ཏུ་བཟུང་ནས
སངས་རྒྱས་བྱམས་སེམས་སྒོམ་པའི
སྤྱོད་བཟང་བོད་པའི་བུ་མོ།
ལྷད་མེད་དུང་སེམས་དཀར་པོས
འབྲོག་ཐང་ལྷས་ར་སྐྱོང་ཞིང
བཞོར་དབྱངས་འགྱུར་ཁུག་ཁྲོད་ནས
རྫི་གླུ་རླུང་ལ་བསྐུར་ཏེ
གངས་རི་ཕྱོགས་ལ་སྨོན་པའི
སྤྱོད་བཟང་བོད་པའི་བུ་མོ།
我们来自四面八方
今日有缘相聚一堂
感恩相遇相聚的好缘
我们一起放声高歌一曲
未经许可,不得翻唱或使用