དཔའ་དགྲ་བླ་འབོད་པའི་གད་རྒྱངས།
格萨尔王传
ཚིག དཔའ་དགྲ་བླ་འབོད་པའི་གད་རྒྱངས།
作词:才仁求加
དབྱངས།དམངས་ཁྲོད། །
作曲: 民间
ལེན་མཁན། ཚེ་རིང་ཆོས་སྐྱབས། །
演唱:才仁求加
གླུ་ཨ་ལ་མོ་ཨ་ལ་ལེན་དགོ
མ་ཐ་ལ་ལ་མོ་ངག་གི་ལེན་ལུགས་རེད་དགོ
སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ་།
ཀི་ཀི་གཅིག་ཀི་གཉིས་ཀི་སྒྲ་གསུམ།
ལྷ་དགྲ་བླ་ཝེར་མ་ཀི་ཡིས་འབོད་།
ས་འདིའི་ས་ངོ་མ་ཤེས་ན།
སྨད་མདོ་ཁམས་རི་བོ་རྩེ་ལྔ་རེད།
ཕོ་ང་འདྲའི་ང་ངོ་མ་ཤེས་ན།
ང་སྣང་ཆུང་གཡུ་འོད་འབུམ་མེ་ཡིན།
གླུ་འདི་ཡི་གླུ་ངོ་མ་ཤེས་ན།
དཔའ་དགྲ་བླ་འབོད་པའི་གད་རྒྱངས་ཡིན།
དམག་ཕར་འགྲོའི་དཔའ་གླུ་ལྡེམ་དྲུག་ཡིན།
~
ནོར་ཚུར་ལེན་གཡང་གི་ཞགས་པ་ཡིན།
དུས་དེ་རིང་ཉི་མའི་འཁོར་ལོ་ལ།
དཔའ་དགྲ་བླ་དགྱེས་པའི་བསང་ཞིག་མཆོད།
གནས་འཇའ་སྤྲིན་འོད་ལྔའི་གཞལ་ཡས་ན།
རྗེས་བླ་མ་པདྨ་འབྱུང་གནས་མཆོད།
མགོན་ཡི་དམ་གུ་རུ་དྲག་པོ་མཆོད།
མ་མཁའ་འགྲོ་རྡོ་རྗེ་ཕག་མོ་མཆོད།
དཔལ་ཆོས་སྐྱོང་གནོད་སྦྱིན་དམར་པོ་མཆོད།
གནས་མདོ་སྨད་རི་བོ་རྩེ་ལྔ་ནས།
ལྷ་ཡུལ་སྐྱོང་ཟོ་དོར་མཆེད་ལྔ་མཆོད།
བསང་བདུད་རྩི་ཕུད་ཀྱི་མཆོད་པ་བཞེས།
ལས་ཅི་བྱས་བསམ་དོན་འགྲུབ་པར་ཤོག
~
གླིང་དཔའ་ཐུལ་སྟག་སེང་ཁ་སྤྲོད་འདིའི།
དཔའ་རྩལ་དྲུག་གཡུ་རལ་རྒྱས་པར་ཤོག
བུ་དཔའ་བོའི་རྟིང་མ་ལོན་པར་ཤོག
དགྲ་མ་རུངས་ཆམ་ལ་འབེབས་པར་ཤོག
བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པར་ཤོག
མི་མེད་ན་ལྷ་ཡི་སུ་ཞིག་སྐྱོབས།
ལྷ་མེད་ན་བྱ་བ་ལམ་འགྲོ་མེད་།
ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།
ལྷ་གོང་མའི་ཐུགས་ལ་དེ་འདྲ་ཞོག
དཔའ་དགྲ་བླ་འབོད་པའི་གད་རྒྱངས།
格萨尔王传
ཚིག དཔའ་དགྲ་བླ་འབོད་པའི་གད་རྒྱངས།
作词:才仁求加
དབྱངས།དམངས་ཁྲོད། །
作曲: 民间
ལེན་མཁན། ཚེ་རིང་ཆོས་སྐྱབས། །
演唱:才仁求加
གླུ་ཨ་ལ་མོ་ཨ་ལ་ལེན་དགོ
མ་ཐ་ལ་ལ་མོ་ངག་གི་ལེན་ལུགས་རེད་དགོ
སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ་།
ཀི་ཀི་གཅིག་ཀི་གཉིས་ཀི་སྒྲ་གསུམ།
ལྷ་དགྲ་བླ་ཝེར་མ་ཀི་ཡིས་འབོད་།
ས་འདིའི་ས་ངོ་མ་ཤེས་ན།
སྨད་མདོ་ཁམས་རི་བོ་རྩེ་ལྔ་རེད།
ཕོ་ང་འདྲའི་ང་ངོ་མ་ཤེས་ན།
ང་སྣང་ཆུང་གཡུ་འོད་འབུམ་མེ་ཡིན།
གླུ་འདི་ཡི་གླུ་ངོ་མ་ཤེས་ན།
དཔའ་དགྲ་བླ་འབོད་པའི་གད་རྒྱངས་ཡིན།
དམག་ཕར་འགྲོའི་དཔའ་གླུ་ལྡེམ་དྲུག་ཡིན།
~
ནོར་ཚུར་ལེན་གཡང་གི་ཞགས་པ་ཡིན།
དུས་དེ་རིང་ཉི་མའི་འཁོར་ལོ་ལ།
དཔའ་དགྲ་བླ་དགྱེས་པའི་བསང་ཞིག་མཆོད།
གནས་འཇའ་སྤྲིན་འོད་ལྔའི་གཞལ་ཡས་ན།
རྗེས་བླ་མ་པདྨ་འབྱུང་གནས་མཆོད།
མགོན་ཡི་དམ་གུ་རུ་དྲག་པོ་མཆོད།
མ་མཁའ་འགྲོ་རྡོ་རྗེ་ཕག་མོ་མཆོད།
དཔལ་ཆོས་སྐྱོང་གནོད་སྦྱིན་དམར་པོ་མཆོད།
གནས་མདོ་སྨད་རི་བོ་རྩེ་ལྔ་ནས།
ལྷ་ཡུལ་སྐྱོང་ཟོ་དོར་མཆེད་ལྔ་མཆོད།
བསང་བདུད་རྩི་ཕུད་ཀྱི་མཆོད་པ་བཞེས།
ལས་ཅི་བྱས་བསམ་དོན་འགྲུབ་པར་ཤོག
~
གླིང་དཔའ་ཐུལ་སྟག་སེང་ཁ་སྤྲོད་འདིའི།
དཔའ་རྩལ་དྲུག་གཡུ་རལ་རྒྱས་པར་ཤོག
བུ་དཔའ་བོའི་རྟིང་མ་ལོན་པར་ཤོག
དགྲ་མ་རུངས་ཆམ་ལ་འབེབས་པར་ཤོག
བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པར་ཤོག
མི་མེད་ན་ལྷ་ཡི་སུ་ཞིག་སྐྱོབས།
ལྷ་མེད་ན་བྱ་བ་ལམ་འགྲོ་མེད་།
ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།
ལྷ་གོང་མའི་ཐུགས་ལ་དེ་འདྲ་ཞོག