དྲིན་ཕ་མ་འདྲ་ཞིག་ཡོད་ལེ་མིན།

难寻恩如父母

གཞས་ཚིག: ཁ་བ་གངས་འཇོམས

作词:卡哇 岗均

དབྱངས: བསོད་ནམས་སྟོབས་རྒྱལ

作曲:索南多杰

ལེན་མཁན:སྒྲོལ་མ་མཚོ

演唱:卓玛措

(歌词大意)

དྲིན་ཕ་ལོ་དགུང་གི་ཉི་མ་ཡིན།།

恩父犹如金阳

དགུང་ཉི་མའི་དྲོད་ཁོལ་མ་ཡལ་གོང་།།

趁着阳光依旧

གཏམ་སྙན་མོ་འགྲིག་པོ་ཕ་ལོར་ཤོད།།

轻言轻语相待

དེ་མིན་རུང་བརྩི་ཤེས་བཀུར་ཤེས་བྱོས།།

或是毕添毕敬

དགུང་ཉི་མ་རི་ལ་ནུབ་དུས་སུ།།

等到落日西山

དྲིན་ཕ་ལོ་འདྲ་ཞིག་ཡོད་ལེ་མིན།།

难寻恩如父亲

ན་ཟླ་ལོ་ལོ་་་་གླུ་ལ་ཉོན་་་་་

那达罗罗 听首歌

དྲིན་ཕ་ལོ་འདྲ་ཞིག་ཡོད་ལེ་མིན།།

难寻恩如父亲

དྲིན་མ་ལོ་དུང་གི་ཟླ་བ་འདྲ།།

慈母犹如夜月

དུང་ཟླ་བའི་འོད་སྣང་མ་ཡལ་གོང་།།

趁着月光依旧

ཟས་ཞིམ་པོ་མངར་མོ་མ་ལོར་བྱིན།།

美味佳脊相待

དེ་མིན་རུང་བྱམས་ཤེས་སྐྱོང་ཤེས་བྱོས།།

或是敬孝奉养

དུང་ཟླ་བ་སྤྲིན་པའི་བསྒྲུབ་དུས་སུ།།

等到月落黑沉

དྲིན་མ་ལོ་འདྲ་ཞིག་ཡོད་ལེ་མིན།།

难寻兹如母亲

ན་ཟླ་ལོ་་་་་གླུ་ལ་ཉོན་་་་་་

那达罗罗 听首歌

དྲིན་མ་ལོ་འདྲ་ཞིག་ཡོད་ལེ་མིན།།

难寻兹如母亲

ཆུང་བྱམས་པ་སྤང་གི་མེ་ཏོག་འདྲ།།

འཛུམ་ཞིག་སེ་གམ་ན་ཡོད་དུས་ན།།

恋人犹如野花

趁着柔媚依旧

དུས་རྒྱུན་དུ་ཁ་འཇམ་ཚིག་འཇམ་བྱོས།།

轻言细语相待

དེ་མིན་རུང་གུ་ཡང་བཟོད་སྒོམ་གནོང་།།

或是体贴包容

གཞི་འཁོར་བའི་ལམ་སྣེ་འཛིན་དུས་སུ།།

等到成家立业

ཆུང་བྱམས་པ་འདྲ་ཞིག་ཡོད་ལེ་མིན།།

难寻情如恋人

ན་ཟླ་ལོ་་་་་་གླུ་ལ་ཉོན་་་་་

那达罗罗 听首歌

ཆུང་བྱམས་པ་འདྲ་ཞིག་ཡོད་ལེ་མིན།།

难寻情如恋人