ཨ་ཇོ།
གཞས་ཚིག སྨན་བླ་སྐྱབས།
གཞས་གདངས།
མགར་བསམ་འགྲུབ་ཚེ་རིང་།
གཞས་མཁན། འཇམ་དབྱངས་སྒྲོལ་མ།
སྨན་བུ་མོར་ཅི་དགོས་ཨ་ཇོ་དགོས།།
ཇོ་གླག་ཕྲུག་འདྲ་ཞིག་ཡོད་སོང་ན།།
ལུས་འཁྱག་ལྟོགས་བྱུང་དུས་ཕ་དང་འདྲ།།
སེམས་དཀའ་སྡུག་བྱུང་དུས་མ་དང་འདྲ།།
ཨ་ཇོ། མ་གཅིག་བྱང་ཁོག་བརྒྱུད་པའི་ཨ་ཇོ།
ཨ་ཇོ་ཕ་མའི་ཁ་མ་རེད།
ཨ་ཇོ་སེམས་ཀྱི་འཁྲི་ཤིང་ཡིན།
སྨན་བུ་མོར་ཅི་དགོས་ཨ་ཇོ་དགོས།།
ཇོ་ཁྲ་ཕྲུག་འདྲ་ཞིག་ཡོད་སོང་ན།།
ཡིད་སྐྱིད་སྡུག་ཞུ་སའི་ཕ་དང་འདྲ།།
སེམས་སྨྲེང་སྐྱོ་བརྗོད་སའི་མ་དང་འདྲ།།
ཨ་ཇོ། མ་གཅིག་བྱང་ཁོག་བརྒྱུད་པའི་ཨ་ཇོ།
ཨ་ཇོ་ཕ་མའི་ཁ་མ་རེད།
ཨ་ཇོ་ཡིད་ཀྱི་ནོར་བུ་ཡིན།།